Dengarkan lagu 地球挽歌 nyanyian 德吉才让 dengan lirik

地球挽歌

德吉才让9 Feb 2018

Lirik 地球挽歌

地球挽歌 - 德吉才让

词:日当呷扎

曲:白玛

ནམ་མཁའི་དབྱིངས་སུ་འཁོར་བའི་ནོར་བུའི་གཞོང་པ།

 

སྐར་མའི་གྲོང་ལ་ཤར་བའི་གཡུ་ཡི་སྒོང་བུ།

 

སྐྱེ་དངོས་གྲངས་མེད་ཀྱི་ལང་ཚོ་རྟེན་ས།

 

ང་ཡི་སྲིད་པ་ཟླུམ་པོ།

 

ཁྱེད་ཀྱིས་བསྐལ་བ་ཐོག་མེད་ཀྱི་ན་ཚོད་སྐུ་ལ་བཞེས་སོང་།

 

ཁྱེད་ཀྱིས་སྟོང་ཆེན་འཇིག་རྟེན་གྱི་མངའ་ཐང་པང་ལ་བཀྱཊ་སོང་།

 

ཁྱེད་ནི་ང་ཚོའི་འཚོ་ས་དང་འཚོ་ཡུལ་ཡིན་ནོ།

དུས་དེ་རིང་ཡིད་རེ་སྐྱོ་བ་ལ།

 

བྱིས་པའི་དུང་སོ་དཀར་མོ་ཁ་ལ་སྐྱེ་སའི་ཕ་གཞིས་ཁྱེད།

 

དུས་རབས་ཀྱིས་བརླག་པའི་ཕམ་ཁ་མཐོང་དུས།

སེམས་ཀྱི་སྲོག་རྩ་སྔོན་མོ་ལྷོག་ལྷོག་ཏུ་ལྡིང་བྱུང་།

 

ཨེ་མ་་་་འཛམ་གླིང་།

 

འཛམ་གླིང་གི་ཡུལ་གཅིག་སྤུན་ཟླ་ཚོ།

 

གནས་གཏེར་རི་ཆ་སྔོག་པ་མཚམས་སུ་གཞག་ནས།

ས་ཆེན་སྐྱོབ་པའི་དམ་ཚིག་སྙིང་ནས་སྲུངས་རོགས།

 

རླུང་གི་བང་ལ་ཞོན་པའི་འཇིག་རྟེན་འཕུར་གྲུ།

 

ཉི་ཟླའི་འོད་ལ་གཅུད་པའི་མེ་ཏོག་སྐྱེད་ཚལ།

འགྲོ་བ་གྲངས་མེད་ཀྱི་ཚེ་སྲོག་ལྟམ་ས།

 

ང་ཡི་སྲིད་པ་ཟླུམ་པོ།

 

ཁྱེད་ཀྱིས་བསྐལ་བ་ཐོག་མེད་ཀྱི་ན་ཚོད་སྐུ་ལ་བཞེས་སོང་།

 

ཁྱེད་ཀྱིས་སྟོང་ཆེན་འཇིག་རྟེན་གྱི་ལངས་སྤྱོད་ཕྲག་ལ་བཏེག་སོང་།

 

ཁྱེད་ནི་ང་ཚོའི་ཨ་མ་དང་ཡང་མ་ཡིན་ནོ།

 

དུས་དེ་རིང་ཡིད་རེ་སྐྱོ་བ་ལ།

 

རྒས་པའི་སྐྲ་ལོ་དཀར་པོ་ཐོད་ལ་སྐྱེ་སའི་ཕ་གཞིས་ཁྱེད།

 

འབག་གཙོག་གིས་སྦགས་པའི་གད་སྙིགས་མཐོང་དུས།

མིག་གི་བུ་ཆུང་ནག་པོ་རབ་རིབ་ཏུ་ལོག་བྱུང་།

 

ཨེ་མ་་་་འཛམ་གླིང་།

 

འཛམ་གླིང་གི་ཡུལ་གཅིག་སྤུན་ཟླ་ཚོ།

 

གནས་གཏེར་རི་ཆུ་སྔོག་པ་མཚམས་སུ་གཞག་ནས།

ས་ཆེན་སྐྱོབ་པའི་དམ་ཚིག་སྙིང་ནས་སྲུངས་རོགས།

 

གནས་གཏེར་རི་ཆུ་སྔོག་པ་མཚམས་སུ་གཞག་ནས།

 

 

ས་ཆེན་སྐྱོབ་པའི་དམ་ཚིག་སྙིང་ནས་སྲུངས་རོགས།