Dengarkan lagu 月光倒影 (完整版) nyanyian JOE J 角吾杰 dengan lirik

月光倒影 (完整版)

JOE J 角吾杰20 Mei 2026

Lirik 月光倒影 (完整版)

制作人:角吾杰

编曲:张北辰

混音:uchu

母带:uchu

 

ང་ཡི་བྲང་གཞུང་ལ་རྨ་ཁ་བཟོས་ན་ཡང་།

ངག་ནས་ཨ་ཚ་མ་ཤོར།

སེམས་གཏིང་ལ་བཞག་པའི་ན་ཟུག  སྐྱུར་མོ་རེད།

ངོ་མ་བཟོད་ཐབས་མི་འདུག

ཞེ་ཡི་ནམ་མཁའ་སྟོང་བ་རེད།

མཐར་ཐུག་གི་ལས་དབང་ཕྲ་མོ་རེད

ནམ་གུང་གི་རྨི་ལམ་འདྲ་རེད།

གསལ་ལ་མི་གསལ།

 

 

དྲག་རླུང་ལྡང་བ་དོན་དག་ཆེན་པོ་མ་རེད།

ཁ་བ་འབབ་རྒྱུའི་རྟགས་རེད།

གྲང་ངར་ཤིན་ཏུ་ཆེ་བའི་དགུན་གཞུང་འདིའི་ནང་ལ།

ང་རང་བརྩེ་བས་མནར་བྱུང་།

 

ཨེ་མ་ཆུ་ནང་གི་ཟླ་བར།

རེག་ཐབས་བྲལ་བ་བཞིན།

དྲན་པ་ཡང་དེ་འདྲ་རེད།

 

ཁྱོད་མེད་པའི་མི་ཚེའི་ནང་།

དུས་ཚོད་འཁྱོལ་ཐབས་བྲལ།

སེམས་འདི་ཁང་སྟོང་འདྲ་ལེ།

 

འཇིག་རྟེན་གྱི་སྣང་བ།

ཚིག་གིས་མཚོན་ཐབས་མི་འདུག་གོ

ཁ་རོག་གེར་ངུས་ཨེ་མྱོང་།

ཁེར་རྐྱང་གི་མི།

སྐད་ཆ་ཁོག་ལ་བཅུག་ནས།

རྣམ་ཤེས་རི་ལ་ཤོར་སོང་།

ཉིན་མ་དེ་ནས་བཟུང་།

འཛུམ་མདངས་ཡོངས་སུ་བོར།

 

 

དྲག་རླུང་ལྡང་བ་དོན་དག་ཆེན་པོ་མ་རེད།

ཁ་བ་འབབ་རྒྱུའི་རྟགས་རེད།

གྲང་ངར་ཤིན་ཏུ་ཆེ་བའི་དགུན་གཞུང་འདིའི་ནང་ལ།

ང་རང་བརྩེ་བས་མནར་བྱུང་།

 

ཨེ་མ་ཆུ་ནང་གི་ཟླ་བར།

རེག་ཐབས་བྲལ་བ་བཞིན།

དྲན་པ་ཡང་དེ་འདྲ་རེད།

 

ཁྱོད་མེད་པའི་མི་ཚེའི་ནང་།

དུས་ཚོད་འཁྱོལ་ཐབས་བྲལ།

སེམས་འདི་ཁང་སྟོང་འདྲ་ལེ།

 

འཇིག་རྟེན་གྱི་སྣང་བ།

ཚིག་གིས་མཚོན་ཐབས་མི་འདུག་གོ

ཁ་རོག་གེར་ངུས་ཨེ་མྱོང་།

ཁེར་རྐྱང་གི་མི།

སྐད་ཆ་ཁོག་ལ་བཅུག་ནས།

རྣམ་ཤེས་རི་ལ་ཤོར་སོང་།

ཉིན་མ་དེ་ནས་བཟུང་།

འཛུམ་མདངས་ཡོངས་སུ་བོར།

 

未经许可,不得翻唱或使用