Dengarkan NEW 青年 (完整版) lagu dari JOE J 角吾杰 dengan lirik

NEW 青年 (完整版)

JOE J 角吾杰20 Mei 2026

Lirik NEW 青年 (完整版)

制作人:角吾杰

编曲:旦曾次旺

混音:uchu

母带:uchu

 

 

 

 

ཆུ་མོ་དེ་སྐམ་སོང་།

རི་བོ་ཡང་ཉིལ་སོང་།

ངས་དྲན་འཛིན་ངོས་ཀྱི་ཕ་ཡུལ་ལམ་ནས་བོར་སོང་།

རྣམ་ཤེས་ནི་ལྷག་སོང་།

སྐད་ཆ་ཡང་ཚར་སོང་།

ངས་མགོ་བོ་སྒུར་ནས་ད་རུང་ལམ་ལ་ཆས་དགོས།

གཏམ་རྒྱུད་དེ་མ་ཚར།

བཤད་འཕྲོ་ཡང་ལྷག་སོང་།

སེམས་བསམ་པའི་དྲན་ཤིང་ངོ་མ་ཁྱེད་རང་རེད།

 

ལམ་བུ་འདིའི་སྣེ་མོ།

གང་ཞིག་ལ་འཐེན་ཡོད།

ལོ་ཟླའི་དུས་ཚོད་ཀྱང་བཞུར་སོང་།

 

 

ཁྱེད་སྣང་བ་རེད། མུན་པ་རེད།

སྣང་བ་དང་མུན་པའི་མཚམས་རེད།

ཁྱོད། ཆར་བ་རེད། རླུང་བུ་རེད།

ཆར་ནང་གི་བྱེའུ་ཞིག་རེད།

ཁྱོད། སྨུག་པོ་རེད། འབྲོག་པ་རེད།

གཞན་པ་དང་འདྲ་ས་མ་རེད།

ཨེ སྨུག་པོ་རེད། འབྲོག་པ་རེད།

དབྱངས་རྟ་ཤིག་གི་རྣམ་ཤེས་རེད།

 

ན་གཞོན་གསར་པ་ནི་གང་ན་ཡོད།

མགོ་བོ་སྒུར་ནས་རང་ས་སྲུང་།

སྨྲ་བ་བསྡམས་ནས་རང་གཤིས་བཟུང་།

དུས་ཀྱི་སྔུན་ནས་དཔའ་མ་ཉམས།

ན་གཞོན་གསར་པ་ནི་ས་རུ་ཡོད།

ན་གཞོན་གསར་པ་ནི་ཆུ་ཁར་ཡོད།

ན་གཞོན་གསར་པ་ནི་རླུང་བུ་རེད།

ན་གཞོན་གསར་པ་ནི་རླུང་བུ་རེད།

 

 

 

རྩྭ་ཐང་དང་གྱེས་ནས།

ས་མཐའ་རུ་འཁྱར་ཡོད།

སྒོ་ཁྱིའི་ཟུག་སྐད་མ་ཐོས་ཡུན་རིང་འགོར།

རྒྱང་རིང་གི་དར་ལྕོག

ལྷས་འདབས་ཀྱི་སྒོ་སྒོ།

ཞེ་སེམས་ཀྱི་དབྱངས་རྟ་གསོན་པོ།

 

ཁྱེད་སྣང་བ་རེད། མུན་པ་རེད།

སྣང་བ་དང་མུན་པའི་མཚམས་རེད།

ཁྱོད། ཆར་བ་རེད། རླུང་བུ་རེད།

ཆར་རླུང་གིས་བརླན་པའི་བྱེའུ་ཞིག

 

ཁྱོད། སྨུག་པོ་རེད། འབྲོག་པ་རེད།

གཞན་པ་དང་འདྲ་ས་མ་རེད།

ཨེ། སྨུག་པོ་རེད། འབྲོག་པ་རེད།

དབྱངས་རྟ་ཤིག་གི་རྣམ་ཤེས་ཡིན།

ཨོ་་་་་ཆར་བ་ཞིག་གི་ཤག་སྒྲ་ཡིན།

ཨོ་་་་་དར་ལྕོག་ཞིག་གི་སྐག་སྒྲ་ཡིན།

 

未经许可,不得翻唱或使用