Lirik 影 (完整版)
制作人:角吾杰
编曲:JonesX 李青
混音:uchu
母带:nchu
འཚོ་བ་འདི་རབ་རིབ་རེད།
བརྩེ་བ་འདི་མག་མོག་རེད།
མཚན་མོ་འདི་འཁྱོལ་ཐབས་མི་འདུག
ཡ་ཆུང་གི་ཡོད་ཚད་ཁྱོད་རེད།
སེམས་སྡུག་རུང་བཤད་ས་མེད།
འདས་སོང་ལ་བདེ་མོ་འཇོག་ཡ།
ན་ཟུག་ལ་བཟོད་ཐབས་བྲལ་ན་ཡང་།
ཁ་ཕྱིར་འཁོར་ཐབས་ཡོད་ས་མ་རེད།
རྒྱང་རིང་ལ་ཆས་པའི་ཉིན་མོར།
ནང་སེམས་ཀྱི་རི་ལ་གྲང་རླུང་ལྡང་།
ཁྱོད་རང་བརྗེད་འདོད་ཀྱང་ཡིད་ལ་ཤར།
ལྷུག་ལྷུག་དགོད་པའི་འཛུམ་མདངས་ལྷག་ཏུ་གསལ།
སྣང་བ་ཐམས་ཅད་འཁྱག་རོམ་རེད།
མིག་ཆུ་འཐོར་བ་ངོ་མ་ཡིན།
མི་ཚེའི་ནང་གི་ཕམ་ཁ་རེད་དོ།
དབུགས་ལེན་དཀའ་བའི་བརྩེ་དུང་གི་ན་ཟུག་ཡིན་སོང་།
ཁྱོད་ངོ་མ་བརྗེད་དཀའ་གི
སེམས་གཏིང་ནས་བསུབ་ཐབས་མི་འདུག
འདི་ལན་ཆགས་མིན་ན་ཅི་ཡིན།
ཉིན་མོའི་ཟས་བརྗེད་མཚན་མོར་གཉིད་ཀྱང་དཀའ།
ཁྱོད་རང་ནི་རྨི་ལམ་རེད།
ལམ་འགྲོ་ཞིག་གི་ལན་ཆགས་རེད།
མནར་གཅོད་རུམ་པའི་ལོ་ཟླ་ཨང་།
མཚན་གཞུང་རིང་མོ་ཞིག་གི་གདུང་དབྱངས་རེད།
རྒྱང་རིང་ལ་ཆས་པའི་ཉིན་མོར།
ནང་སེམས་ཀྱི་རི་ལ་གྲང་རླུང་ལྡང་།
ཁྱོད་རང་བརྗེད་འདོད་ཀྱང་ཡིད་ལ་ཤར།
ལྷུག་ལྷུག་དགོད་པའི་འཛུམ་མདངས་ལྷག་ཏུ་གསལ།
སྣང་བ་ཐམས་ཅད་འཁྱག་རོམ་རེད།
མིག་ཆུ་འཐོར་བ་ངོ་མ་ཡིན།
མི་ཚེའི་ནང་གི་ཕམ་ཁ་རེད་དོ།
དབུགས་ལེན་དཀའ་བའི་བརྩེ་དུང་གི་ན་ཟུག་ཡིན་སོང་།
འདྲ་པར་དེ་མེ་ལ་བསྲེགས་ཡོད།
དམ་བཅའ་དེ་རླུང་ལ་བསྐྱོན་ཡོད།
དྲན་ཤིང་དེ་ལོ་རྒྱུས་ཡིན་རུང་།
དབྱངས་རྟ་ཞིག་གི་དུར་ཁྲོད་ལ་སྦས།
未经许可,不得翻唱或使用

