เนื้อเพลง 风 (完整版)
编曲:张北辰
制作人:角吾杰
混音:uchu
母带:uchu
ཉི་འོད་སེར་པོ་གསེར་རེད།
མི་སེམས་རེ་རེ་གསལ་རེད༼ངེས༽།
མཚན་གཞུང་རིང་བོ་བརྒྱུད་དུས།
མུན་ནག་མཐུག་པོར་ཚུད་དུས།
ཟླ་འོད་དཀར་པོ་དངུལ་རེད།
རྨ་ཁ་རེ་རེ་གསོ་རེད༼ངེས༽།
སྐྱོ་བའི་འདས་དོན་འགའ་ཤིག་བརྗེད་ངེས་རེད།
སྤྲིན་པ་ལེབ་མོ་འཕྲིན་རེད།
རྨི་ལམ་རེ་རེ་འགྲོགས་རེད༼ངེས༽།
སྟོང་བའི་ནམ་ཟླ་རིང་མོ་ག་ལེར་ཁ་སྐོང་ངེས་རེད།
ཐོ་རེངས་སྐར་ཆེན་ཁྱེད་རེད།
སྲོད་ཀྱི་མཚམས་སྤྲིན་ཁྱེད་རེད།
ཉིན་མཚན་ཀུན་གྱི་དྲན་པ་ཁྱེད་རང་རེད།
དཔྱིད་རླུང་འཇམ་པོ་ཁྱེད་རེད།
ཁ་བའི་འདབ་མ་ཁྱེད་རེད།
དུས་བཞིའི་མཛེས་སྡུག་ཡོད་ཚད་ཁྱེད་རང་རེད།
ངས་ཕ་རིའི་རྩེ་མོ་ནས།
སེམས་གཏམ་དེ་རླུང་ལ་འཆད།
འཕྲིན་པ་རྒྱང་དུ་བསྐྱོད་བར་སྨོན།
ངས་བླ་མཚོའི་འགྲམ་ངོགས་ནས།
དྲན་པ་དེ་ཆུ་ལ་གཡུགས།
དུང་བ་ཁྱེད་ཀྱིས་ཚོར་བར་སྨོན།
སེར་པོ་གསེར་རེད།
དཀར་པ་དངུལ་རེད།
འཇམ་པོ་རླུང་རེད།
ཚང་མ་ཁྱེད་རེད།
ཐོ་རེངས་སྐར་ཆེན་ཁྱེད་རེད།
སྲོད་ཀྱི་མཚམས་སྤྲིན་ཁྱེད་རེད།
ཉིན་མཚན་ཀུན་གྱི་དྲན་པ་ཁྱེད་རང་རེད།
དཔྱིད་རླུང་འཇམ་པོ་ཁྱེད་རེད།
ཁ་བའི་འདབ་མ་ཁྱེད་རེད།
དུས་བཞིའི་མཛེས་སྡུག་ཡོད་ཚད་ཁྱེད་རང་རེད།
ངས་ཕ་རིའི་རྩེ་མོ་ནས།
སེམས་གཏམ་དེ་རླུང་ལ་འཆད།
འཕྲིན་པ་རྒྱང་དུ་བསྐྱོད་བར་སྨོན།
ངས་བླ་མཚོའི་འགྲམ་ངོགས་ནས།
དྲན་པ་དེ་ཆུ་ལ་གཡུགས།
དུང་བ་ཁྱེད་ཀྱིས་ཚོར་བར་སྨོན།
དཔྱིད་རླུང་འཇམ་པོ་ཁྱེད་རེད།
ཁ་བའི་འདབ་མ་ཁྱེད་རེད།
དུས་བཞིའི་མཛེས་སྡུག་ཡོད་ཚད་ཁྱེད་རང་རེད།
ངས་བླ་མཚོའི་འགྲམ་ངོགས་ནས།
དྲན་པ་དེ་ཆུ་ལ་གཡུགས།
དུང་བ་ཁྱེད་ཀྱིས་ཚོར་བར་སྨོན།
ཉི་འོད་སེར་པོ་གསེར་རེད།
མི་སེམས་རེ་རེ་གསལ་རེད༼ངེས༽།
མཚན་གཞུང་རིང་བོ་བརྒྱུད་དུས།
མུན་ནག་མཐུག་པོར་ཚུད་དུས།
未经许可,不得翻唱或使用
เกี่ยวกับเพลงนี้ :
เพลงนี้ถูกปล่อยออกมาในวันที่ 20 พ.ค. 2026, เพลง 风 (完整版) จาก JOE J 角吾杰 ที่ร่วมกันสร้างสรรค์ท่วงทำนองและเนื้อร้องได้ยอดเยี่ยม
ดาวน์โหลด JOOX Application และ รับฟังเพลง, ชมมิวสิควีดีโอ และอ่านเนื้อเพลง แบบออนไลน์ได้ทุกที่ทุกเวลา
Tags ที่เกี่ยวข้อง :
风 (完整版) (โดย JOE J 角吾杰), 风 (完整版), 风 (完整版) มิวสิควีดีโอ, 风 (完整版) เนื้อเพลง, JOE J 角吾杰 เพลง

