收听达哇梅朵的迎宾欢歌歌词歌曲

迎宾欢歌

达哇梅朵2022年1月4日

迎宾欢歌 歌词

迎宾欢歌 - 达哇梅朵

词:巴桑

曲:巴桑

译:扎西文德

མགྲོན་པོ་ལགས་ཡ་མགྲོན་པོ་ལགས།

ཁྱེད་ཐག་རིང་མགྲོན་པོ་འོ་བརྒྱལ་ནས།

མཐོ་ནམ་མཁའི་འཇའ་ཡི་གུར་ཁང་ནས།

བཀྲ་ཤིས་པའི་ལྷ་དར་དཀར་པོ།

དོན་འགྲུབ་པའི་མགྲོན་པོ་ཁྱེད་ལ་འབུལ།

ཁྱེད་ཡང་ཡང་འཇལ་བའི་སྨོན་འདུན་ཞུ།

མགྲོན་པོ་ལགས་ཡ་མགྲོན་པོ་ལགས།

ཁྱེད་ཐག་རིང་མགྲོན་པོ་འོ་བརྒྱལ་ཆེ།

ཆུ་རྨ་ཆུ་གཡུ་འབྲུག་ཁུག་ཉལ་ནས།

བཀྲ་ཤིས་པའི་ནས་ཆང་དཀར་པོ་འདི།

དོན་གྲུབ་པའི་མགྲོན་པོ་ཁྱེད་ཀྱིས་བཞེས།

ཁྱེད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

མགྲོན་པོ་ལགས་ཡ་མགྲོན་པོ་ལགས།

ཁྱེད་ཐག་རིང་མགྲོན་པོ་འོ་བརྒྱལ་ཆེ།

གུར་དཀར་ཆུང་བཀྲ་ཤིས་རྟགས་བརྒྱད་ནང་།

ཞོ་འོ་མའི་བདད་རྩི་དཀར་པོ་འདི།

དོན་གྲུབ་པའི་མགྲོན་པོ་ཁྱེད་ཀྱིས་གསོལ།

ཁྱེད་ཚེ་རིང་ནད་མེད་བཀྲ་ཤིས་ཤོགས།

ཁྱེད་ཚེ་རིང་ནད་མེད་བཀྲ་ཤིས་ཤོགས།

 

ཁྱེད་ཚེ་རིང་ནད་མེད་བཀྲ་ཤིས་ཤོགས།