出发 歌词
出发 - 林芝拉姆
词:热西·嘎玛桑登
曲:热西·嘎玛桑登
ལམ་དེ་ལམ་ཞིང་ཆུང་སོང་མ་བསམ།
ལམ་གྱི་སྣེ་མོར་ལམ་ཞིག་ཡོད་ངེས་རེད།
རེ་བ་རེ་ཚོད་ཆེ་སོང་མ་བསམ།
རང་གི་སེམས་ལ་རང་གིས་ཡིད་ཆེས་དགོས།
རྐང་གོམ་ཆུང་མདུན་སྐྱོད་མ་ལྷོད།
གདོང་འཛུམ་ཆུང་སྤྲོ་སྣང་མ་ཡལ།
ལས་ཀྱི་འགྱུར་བ་སྙིང་རྗེ་མེད་ནའང་།
ཕུགས་བསམ་དང་རེ་བ་ནམ་ཡང་མ་བརྗེད།
ང་ཚོ་ལག་གདང་སྦྲེལ་ནས་མདུན་གྱི་ཕྱོགས་ལ་འགྲོ།
སང་ཉིན་མཛེས་སྡུག་གི་འཇིག་རྟེན་ཆེད་དུ།
དེ་རིང་ནས་གོམ་པ་སྤོ་འགྲོ།
འགྲོ འགྲོ འགྲོ
ལ་དེ་ལ་ཐག་རིང་སོང་མ་བསམ།
ལ་ཡི་སྣེ་མོར་འཐུར་ཞིག་ཡོད་ངེས་རེད།
བྱ་བ་སྒྲུབ་ཚོད་ཆུང་སོང་མ་བསམ།
རྒྱུ་ལ་ལྟོས་པའི་འབྲས་བུ་ཡོད་ངེས་རེད།
ལས་བརྩོན་འགྲུས་ལག་པ་མ་ལྷོད།
སེམས་བསམ་པའི་དགའ་ཕྱོགས་མ་གཡུག
དུས་ཀྱི་འགྱུར་བ་མི་རྟག་ཡིན་ནའང་།
ཡིད་ཆེས་དང་སྤོབས་པ་ནམ་ཡང་མ་ཞུམ།
ང་ཚོ་ལག་གདང་སྦྲེལ་ནས་མདུན་གྱི་ཕྱོགས་ལ་འགྲོ།
སང་ཉིན་མཛེས་སྡུག་གི་འཇིག་རྟེན་ཆེད་དུ།
དེ་རིང་ནས་གོམ་པ་སྤོ་འགྲོ།
འགྲོ འགྲོ འགྲོ