收听尖参(Jason j)的世间百态我担歌词歌曲

世间百态我担

尖参(Jason j), 卓玛措2019年3月2日

世间百态我担 歌词

世间百态我担 - 尖参(Jason j)/卓玛措

词:迈仓丹克

曲:民间

ཚིག དམེ་ཚང་རྟ་ཁོ།

དབྱངས། འབྲུག་པའི་དམངས་ཁྲོད་ནས་བཏུས།

གཞས་གཏོང་མཁན། མགོ་ལོག་རྒྱལ་མཚན། སྒྲོལ་མ་མཚོ།

སྤྲིན་པའི་ཡོལ་བ་ཕྱེ་དུས།།

ཉི་མའི་ཟུར་མིག་ཨེ་མཐོང་།།

སྟག་ཤར་ཕར་ལ་འགྲོ་དུས།།

ཆ་འཇོག་དེ་ལས་མི་འདུག།

ལྷ་བཟོའི་པིར་གྱིས་བཞེངས་བའི།།

སྒྲོལ་མའི་སྐུ་ཐང་ཨེ་མཐོང་།།

སྨན་ཤར་ཚུར་ལ་ཡོང་དུས།།

ཆ་འཇོག་དེ་ལས་མི་འདུག།

ཐབ་ལ་མེ་སྒོང་བརྒྱབ་ནས།།

ནུབ་ཇ་མཉམ་འཐུང་བྱེད་དུས།།

ལས་ཀྱི་བུ་ཆུང་ཁྱོས་སྐྱོངས།།

འཁོར་བའི་ཙག་ཁ་ངས་འགོག

ཁ་ཚུབ་ནང་གི་ཟླ་བ།།

འཛུམ་འཛུམ་དེ་འདྲ་མ་གནང་།།

སྒོ་ཁྱིའི་ཟུག་སྐད་གཉོམ་དུས།།

ཁྱོད་རང་སེམས་ཀྱིས་གཉོར་འདོད།།

ཞིང་ལ་ཡུར་མ་ཡུར་དུས།།

བུ་མོས་སྣ་གླུ་མ་ལེན།།

ནས་འབྲུ་གསེར་ལོ་ངེད་གཉིས།།

སྨྲེང་ནས་མགོ་བོ་དུད་འགྲོ།

རྒྱབ་ལ་སླེ་བོ་ཁུར་ནས།།

ལག་ལ་ཟོར་བ་ཐོགས་དུས།།

བརྩེ་བའི་ས་བོན་ངས་འདེབས།།

དུང་བའི་ལོ་ལེགས་ཁྱོས་ལོངས།།

མི་ཚེ་དབྱར་ལ་སླེབས་ནས།།

ཞེ་འདང་སེར་ཆེན་བཞད་དུས།།

སྐྱིད་ཀྱི་གུར་ཆུང་ཁྱོས་ཕུབ།

 

གཡང་གི་སྒོ་ཟོག་ངས་འཚོ།།