吉祥祝福 歌词
吉祥祝福 - 扎西然旦/达哇梅朵
词:(拉)索来
曲:曲塔
原唱:扎西然旦/达哇梅朵
译:郭吾:索南帮久
བཀྲ་ཤིས་ཁ་བའི་ཡུལ་ལ། །
ཆོལ་གསུམ་སྤུན་ཟླ་འཛོམས་སོང་། །
སྐྱིད་པའི་དུས་བཟང་འདི་ལ། །
དགའ་དགའ་སྤྲོ་སྤྲོ་གནང་ཤོག །
ཨ་་་་་རྟེན་འབྲེལ་འགྲིག་སོང་། སྐལ་བ་བཟང་སོང་།
ཁྱེད་ཀྱིས་མཆོད་ཆང་བཀྱག
ང་ཡིས་ཁ་དར་འབུལ།
གངས་ཅན་ཁ་བའི་ཡུལ་ལ།
བཀྲ་ཤིས་རྟེན་འབྲེལ་འཛོམས་སོང་། །
བཀྲ་ཤིས་གཡང་ཁྱིམ་འདི་ལ། །
ཕ་མ་སྤུན་མཆེད་འཛོམས་སོང་། །
ལྷན་འཛོམས་ཉིན་མོ་འདི་ལ། །
དགའ་དགའ་སྤྲོ་སྤྲོ་གནང་ཤོག །
ཨ་་་་་རྟེན་འབྲེལ་འགྲིག་སོང་། སྐལ་བ་བཟང་སོང་།
ཁྱེད་ཀྱིས་འོ་ཇ་སྐོལ།
ང་ཡིས་ལྷ་བསངས་ཕུལ།
གཡང་ཁྱིམ་གྲུ་བཞི་ནང་ལ། །
བཀྲ་ཤིས་རྟེན་འབྲེལ་འཛོམས་སོང་། །
བཀྲ་ཤིས་ཁྲོམ་ཆེན་འདི་ལ། །
ན་གཞོན་ང་ཚོ་འཛོམས་སོང་། །
འཛོམས་པའི་སྐལ་བཟང་འདི་ལ། །
ཞབས་བྲོ་འགྲིག་པོ་འཁྲབ་ཤོག །
ཨ་་་་་རྟེན་འབྲེལ་འགྲིག་སོང་། སྐལ་བ་བཟང་སོང་།
ཁྱེད་ཀྱིས་ཞབས་བྲོ་འཁྲབ།
ང་ཡིས་གླུ་དབྱངས་ལེན།
སྐྱིད་པའི་ཁྲོམ་ར་འདི་ལ། །
བཀྲ་ཤིས་རྟེན་འབྲེལ་འཛོམས་སོང་། །