日月之上 歌词
呷亚尼玛 - 日月之上
作词:莫郎它青
作曲:理塘降央
མཐོ་སྒང་གི་རྩྭ་ཐང་ཆེན་མོར།
ཕུགས་བསམ་གྱི་ཆུ་རྒྱུན་བསྲིངས།
ང་ཚོར་རེ་བའི་ལྗང་མྱུག་ཅིག་ཡོད།
དེ་ནི་བདེན་པའི་མེ་ཏོག་ཅིག་ཡིན།
རིཊ་མཐུན་གངས་ཕྲུག་ཕོ་མོ།
ཟུར་མིག་ཚུར་ལ་གནོངས་དང་།
ཤེས་བྱའི་རླུང་རྟ་སྤུར་བཞིན་སྤུར་བཞིན།
མེས་པོའི་སྙིང་རུས་ལ་འགྲན་པའི་གླུ་ཞིག་ལེན།
འགྲོ་ཡ། འགྲོ་ཡ།
འཛམ་གླིང་འདི་ང་ཚོའི་ཁྱིམ་ཡིན།
རྒྱལ་ཁམ་གོམ་པས་བཅགས་ཏེ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
མཐའ་མེད་པའི་མཁའ་དབྱིངས་ཆེན་མོར།
མཐུན་སྒྲིལ་གྱི་གཤོག་ཟུང་བརྐྱངས།
ང་ཚོར་སྤོབས་པའི་མཁའ་ལམ་ཞིག་ཡོད།
དེ་ནི་རེ་བའི་སྤྲིན་པ་ཞིག་ཡིན།
རིགས་མཐུན་གངས་ཕྲུག་ཕོ་མོ།
ལག་རྡང་ཚུར་ལ་སྦྲེལ་དང་།
དུས་ཀྱི་རོལ་མོ་གཏོང་གིན་གཏོང་གིན།
ཚན་རིག་ལྷ་མོ་ལ་དུངས་བའི་གཞས་ཤིག་གཏོང་།
འགྲོ་ཡ། འགྲོ་ཡ།
འཛམ་གླིང་འདི་ང་ཚོའི་ཁྱིམ་ཡིན།
རྒྱལ་ཁམས་གོམ་པས་བཅགས་ཏེ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
འགྲོ་ཡ། འགྲོ་ཡ།
ངའི་ཕུ་ནུ་སྤུན་ཟླ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།
ཉི་ཟླའི་བརྩེ་གླིང་ལ་འགྲོ།