思念 (完整版) 歌詞
深情思念
ཞེ་འདང་གི་དྲན་པ།
歌詞:果洛旺秀
མགོ་ལོག་དབང་ཕྱུགས
曲:旦正
རྟ་མགྲིན།
演唱:桑尕白
ལེན་མཁན་བསང་སྐལ་བྷེ།
སྡེ་ཆེན་སྡེ་བའི་ཁ་རི༎
泱泱部落之地,
སྤུན་དང་ན་ཟླས་བསྐོར་ཡང༎
皆是同齡兄弟,
ཁྱེད་རང་དྲན་པའི་མི་ཚེ༎
思念卿之人生,
སེམས་པ་གཅོང་བས་ཟིན་འགྲོ༎
終是心病纏繞。
དྲན་དང་མ་དྲན་མི་བཤད༎
不道思念與否,
བཤད་ན་མིག་ཆུ་འཐོར་འགྲོ༎
一道滿眼是淚,
ཚེ་འདིར་ཁྱེད་རང་དྲན་པ༎
此生思念無盡,
སེམས་ཀྱི་གཏིང་ལ་ཉར་ཡོད༎
深藏卿於心底。
ལོ་ཟླ་རྒས་པས་མི་སྐྱོན༎
不怨歲月易老,
མནའ་ཚིག་མེད་ན་ཆོག་གི།
不恨誓言易渝,
ཁྱེད་རང་དྲན་པའི་ལོ་རྒྱུས༎
思念卿之經歷,
མི་འགྱུར་རུས་པའི་རྐང་ཡིན༎
如同生於骨髓。
སྡེ་བའི་བཤད་ན་བཤད་ཆོག༎
不論外人之言,
ང་རང་མི་ཁར་མི་སྐྲག།
不懼流言蜚語,
ཁྱེད་རང་དྲན་ཐེངས་གཅིག་གིས། །
一次徹骨思念,
སེམས་ཀྱི་རྨ་ཁ་གཟེར་ཡོང་༎
留下內心之傷。
ཡ་ཆུང་གསང་བའི་ཁྱིམ་ན༎
敞開心扉之家
བརྩེ་བའི་འོ་ཇ་སྐོལ་ཡོད༎
煮有乳白奶茶,
ཞེ་འདང་མར་གྱི་རིལ་བུ༎
深情如同酥油,
ཁྱེད་ཉིད་གཅིག་ལ་འཕེན་འདོད༎
只留心上之人。
རིན་ཆེན་གཡུ་ཆུང་དྲུག་དཀར།།
珍貴綠鬆玉石,
ང་ཡི་མགུལ་ལ་བཏགས་ཡོད༎
戴在吾之頸項,
འུ་གཉིས་ཁ་ཚིག་རི་མོ༎
你我甜蜜言語,
སླར་ཡང་སེམས་ལ་སྦས་ཡོད༎
再次藏於心底。
ཁྱོད་ཀྱི་བློ་སེམས་དཀར་བ༎
卿之忠貞不渝,
ང་ཡི་ཞེ་རུ་སིམ་ཡོད༎
依然記於吾心,
དྲན་པའི་ཕྱི་ཐག་རིང་མོ༎
藕斷絲連之情,
སྐལ་བའི་མཐའ་ལ་བསྐྱལ་ཆོག །
祝願永世不斷。
དྲན་པ་རྫ་ལ་བཤད་ཡོད༎
思念傾訴與山,
དྲན་པ་སྨུག་པར་བསྐུར་ཡོད༎
寄給雲霧之間,
སང་ལོའི་དབྱར་གཞུང་ཞིག་ལ༎
相約明年盛夏,
འཛོམས་པའི་ཁ་ཆད་བཞག་ཡོད༎
迎來歡聚之時。
未經許可,不得翻唱或使用