收聽尼多的情之門歌詞歌曲

情之門

尼多, 夏爾措2023年3月7日

情之門 歌詞

བརྩེ་བའི་སྒོ་མོ།

情之門

གཞས་ཚིག ཡུ་ཉི་མ་ཚེ་རིང་།

歌詞:於尼瑪才讓

གཞས་གདངས། སྙིང་སྟོབས།

歌曲:尼多

ལེན་མཁན། སྙིང་སྟོབས། ཤར་མཚོ།

原唱:尼多&夏爾措

གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།

音樂宣傳:謝旦貼吧工作室

 

ཡ་གིའི་རྫ་འདི་འུ་གཉིས་རྟ་ནོར་འཚོ་ས་ཡིན། །

東方山坡放牛羊,

མ་གིའི་རྫ་འདི་འུ་གཉིས་སྣང་བ་མཐུན་ས་རེད། །

西邊山腳說情話,

རྫ་དང་སྨུག་པ་འདྲེས་སའི་རི་ལུང་སྐྱིད་པོ་འདི། །

魂牽夢繞的山谷,

ཆུང་འདྲིས་ཟེར་བའི་དམ་བཅའ་སེམས་ལ་ཉར་ས་ཡིན། །

是乃兒時的諾言。

ནང་ལ་ཆང་གསོལ་རོགས། ནང་ལ་ཆང་གསོལ་རོགས།

共飲美酒

བཞོ་དབྱངས་ངག་ལ་འགུག་པའི་བུ་མོ་ངས། །

唱著山歌的少女,

བརྩེ་བའི་མིག་ཟུང་ཁྱོད་ལ་གཏད་ནས་ཡོད། །

充滿激情看著你。

 

ཡ་གིའི་སྤང་འདི་འུ་གཉིས་ལུག་ཆུང་འཚོ་ས་ཡིན། །

東邊草原放羊群,

མ་གིའི་སྤང་འདི་འུ་གཉིས་རྩེད་རྡོ་བསྒྲིགས་ས་ཡིན། །

西邊山丘玩石具,

སྤང་དང་མེ་ཏོག་འདྲེས་སའི་ན་གཞུང་སྐྱིད་པོ་འདི། །

絢麗多彩的草地,

ཆུང་འདྲིས་ཟེར་བའི་ཞེ་འདང་ཡིད་ལ་ཉར་ས་ཡིན། །

是乃相戀的地方。

ནང་ལ་ཆང་གསོལ་རོགས། ནང་ལ་ཆང་གསོལ་རོགས།

共飲美酒

རྫི་གླུ་དབྱངས་སུ་འགུག་པའི་གཞོན་ནུ་ངས། །

唱著牧歌的少年,

བརྩེ་བའི་སྒོ་མོ་ཁྱོད་ལ་བསྲུངས་ནས་ཡོད། །

充滿情意守著你。

 

ཡ་གིའི་སྡེ་འདི་འུ་གཉིས་གཉོམ་ལག་རྒྱས་ས་ཡིན། །

東邊村落是故鄉,

མ་གིའི་སྡེ་འདི་འུ་གཉིས་ཞེ་སེམས་འདྲིས་ས་རེད། །

西村相戀的地方,

གཏམ་དང་མི་ཁ་བཙན་སའི་རུ་སྡེ་ཆེན་པོ་འདི། །

流言蜚語雖不少,

ཆུང་འདྲིས་ཟེར་བའི་ཐ་སྙད་སེམས་སུ་འབྲི་ས་ཡིན། །

相守之言刻於心。

ནང་ལ་ཆང་གསོལ་རོགས། ནང་ལ་ཆང་གསོལ་རོགས།

共飲美酒

འདང་བརྩེ་འགྱུར་བ་མེད་པའི་དམ་བཅའ་ཞིག །

許下相守的諾言,

སྙིང་མཐུན་ཁྱོད་དང་ཚེ་འདིར་བཞག་ནས་ཡོད། །

此生與你共度過。

སྙིང་མཐུན་ཁྱོད་དང་ཚེ་འདིར་བཞག་ནས་ཡོད། །

此生與你共度過。