情之音 (完整版) 歌詞
情之音 - 德格葉/班瑪
詞:葉熱崗
曲:德格葉
和聲:小燕
推廣策劃:捧紅計劃
監製:觀察時代
出品:甘肅省星文嘉藝文化傳播有限公司
ང་ཡི་སེམས་ནང་གི་སྐད་ཆ་ངོ་མ་ཡིན།
ཁྱོད་ཀྱིས་ནམ་ཡང་ང་ལ་ཁྲེལ་མེད་མ་བྱེད་རོགས།
འཇིག་རྟེན་འགྱུར་ནས་ཡོད་ཚད་འགྱུར་དགོས་རུང་།
ང་རང་ཁྱེད་ཀྱི་གམ་དུ་ཡོད་པའི་གཏན་གྲོགས་ཡིན།
ང་ཡི་སེམས་ནང་གི་སྐད་ཆ་ངོ་མ་ཡིན།
ཁྱོད་ཀྱིས་ནམ་ཡང་འུ་གཉིས་བརྩེ་བ་མ་ལྷོད་རོགས།
འགྲོ་ལམ་རིང་མོ་རྔུལ་ཆུས་བརླན་དགོས་རུང་།
ང་རང་ཁྱེད་ཀྱི་མདུན་ན་ཡོད་པའི་ཚེ་གྲོགས་ཡིན།
མི་ཚེ་གཅིག་གི་དཀའ་སྡུག་འུ་གཉིས་མཉམ་དུ་ཕྲག་ཏུ་ལེན་ནས་འགྲོ
འཇིག་རྟེན་འཁོར་བའི་བདེ་སྐྱིད་འུ་གཉིས་མཉམ་དུ་ལོངས་སུ་སྤྱོད་ནས་འགྲོ
འཇིག་རྟེན་འཁོར་བ་ལན་རེ་སྐྱིད་ཀྱང་ལན་རེ་སྡུག
སྐྱིད་ན་ཆོག་ལ་སྡུག་ཀྱང་མཉམ་དུ་རོལ་ནས་འགྲོ
ང་ཡི་སེམས་ནང་གི་སྐད་ཆ་ངོ་མ་ཡིན།
ཁྱོད་ཀྱིས་ནམ་ཡང་ང་རང་ལག་པས་མ་གཏོང་རོགས།
མི་ཁ་བཙན་པོས་ནང་སེམས་དཀྲུག་དགོས་རུང་།
ཁྱེད་རང་ང་ཡི་སེམས་ན་ཡོད་པའི་སྙིང་གྲོགས་ཡིན།
ང་ཡི་སེམས་ནང་གི་སྐད་ཆ་ངོ་མ་ཡིན།
ཁྱོད་ཀྱིས་ནམ་ཡང་ང་ལ་ཨ་གསར་མ་བྱེད་རོགས།
འཇིན་རྟེན་འཁོར་བ་དཀའ་སྡུག་ཆེ་ན་ཡང་།
ཁྱེད་རང་ང་ལ་ཐོབ་པའི་ཚེ་གཅིག་གྲོགས་པོ་ཡིན།
མི་ཚེ་གཅིག་གི་དཀའ་སྡུག་འུ་གཉིས་མཉམ་དུ་ཕྲག་ཏུ་ལེན་ནས་འགྲོ
འཇིག་རྟེན་འཁོར་བའི་བདེ་སྐྱིད་འུ་གཉིས་མཉམ་དུ་ལོངས་སུ་སྤྱོད་ནས་འགྲོ
མི་ཚེ་ཟེར་བ་ལན་རེ་སྐྱིད་ཀྱང་ལན་རེ་སྡུག
སྐྱིད་ན་ཆོག་ལ་སྡུག་ཀྱང་མཉམ་དུ་རོལ་ནས་འགྲོ
སྐྱིད་ན་ཆོག་ལ་སྡུག་ཀྱང་མཉམ་དུ་རོལ་ནས་འགྲོ