同學 歌詞
益西平措 - 同學
作詞:益西平措
作曲:益西平措
ཨ་་་་་སློབ་གྲོགས་ཚོ།
དུས་བསྐལ་བ་བཟང་པོའི་མངའ་འོག་ན།
ཚེ་སྔོན་མའི་ལས་ཀྱིས་མཉམས་འཛོམས་བྱུང་།
བྲལ་དགོས་པ་འཇིག་རྟེན་ཆོས་ཉིད་རེད།
དེ་ཡིན་དུས་སློབ་གྲོགས་སེམས་པ་མ་སྐྱོ།
མིག་ཆུ་ཡང་མ་བཏོང་།
ཨ་་་་སློབ་གྲོགས་ཚོ།
དུས་འཁོར་ལོ་བར་མེད་འཁོར་ན་ཡང་།
གྲོགས་ང་ཚོའི་སེམས་པ་གཅིག་མཐུན་ཡིན།
སེམས་མི་འགྱུར་ང་ཚོའི་དམ་བཅའ་རེད།
དེ་ཡིན་དུས་སློབ་གྲོགས་སེམས་པ་མ་སྡུག
མིག་ཆུ་ཡང་མ་བཏོང་།
ཨ་་་་་སློབ་གྲོགས་ཚོ།
ས་ཡུལ་ལུང་གང་དུ་སླེབས་ན་ཡང་།
ང་སློབ་གྲོགས་ཡོད་པ་མ་བརྗེད་རོགས།
བརྗེད་སོང་ན་ཁྱེད་ཀྱི་མི་ཆོས་དེ།
ཤིང་སྡོང་སྐམ་ཞིག་དང་ཁྱད་མེད་ཡིན།
རེ་སྒུག་ཡང་བྱས་ཡོད།
相關歌曲
熱門歌曲