收聽卓瑪加的雄鷹歌詞歌曲

雄鷹

卓瑪加2018年2月9日

雄鷹 歌詞

雄鷹 - 卓瑪加

詞:日當呷扎

曲:卓瑪加

ཆུ་འཛིན་ལོང་ལོང་སྒྲོ་འོག་ནས་སྐྱུར་ཏེ།

 

དབང་སྔོན་གནམ་ལ་དྲི་བཞོན་ཆིབས་པའི།

རྒོད་ཐང་དཀར།

རྒོད་ཐང་དཀར།

རྩལ་ཆེན་གྱི་གཤོག་པས།

 

མཁའ་ནས་མཁའ་ལ་ལྡིང་དུས།

ང་ཡི་བགྲེས་སོང་།

ཐུགས་བརྩེ་བ་བསྣམ་པའི་ས་ཆེན།

བདེ་མོའི་དཀྱིལ་ལ་བཞུགས་པའི།

སེམས་ཀྱི་སྐྱབས་འཇུག་གནང་རོགས།

 

ཨ་སྔོན་གོང་མའི་བང་རིམ་ནས་འཕུར་ཏེ།

 

རི་ཐང་རྒྱ་མཚོ་ལེབ་ཀྱིས་བཅད་པའི།

རྒོད་ཐང་དཀར།

རྒོད་ཐང་དཀར།

དྭངས་གསལ་གྱི་མིག་གིས།

 

རྒྱང་ནས་རྒྱང་ལ་བལྟ་དུས།

ང་ཡི་བགྲེས་སོང་།

ཞལ་འཛུམ་དཀར་ལང་བའི་ས་ཆེན།

 

བདེ་མོའི་དཀྱིལ་ལ་བཞུགས་པའི།

 

 

སེམས་ཀྱི་སྐྱབས་འཇུག་གནང་རོགས།