如此美的地方 歌詞
如此美的地方 - 謝旦
詞:白日哎赤
曲:佐慶丹真
རྨ་ཡར་སྟོད་རྨ་སྡེ་འགོ་མ་ན།
ས་བཅུ་འཛོམས་གཡང་གི་ར་བ་ན།།
སྒ་སྐྱ་ལོའི་ཕོ་བྲང་སྟག་རྩེ་ཡོད།།
མཚོ་སྐྱ་རེངས་དངུལ་དཀར་མེ་ལོང་འདྲ།།
ལུག་གཡང་དཀར་བལ་ཁ་འཇམ་ས་ཡིན།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
རྨ་ཡར་སྟོད་རྨ་སྡེ་འགོ་མ་ན།།
ས་བཅུ་འཛོམས་གཡང་གི་ར་བ་ན།།
སྒ་སྔོ་ལོའི་སྟོང་རྫོང་མུ་ཏིག་ཡོད།།
མཚོ་སྔོ་རེངས་གཡུ་ཡི་མེ་ལོང་འདྲ།།
ཉ་གསེར་མིག་འཁྱུག་རྩལ་ངོམ་ས་ཡིན།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
རྨ་ཡར་སྟོད་རྨ་སྡེ་འགོ་མ་ན།།
ས་བཅུ་འཛོམས་གཡང་གི་ར་བ་ན།།
སྒ་གྲོ་ལོའི་གཡུ་འབྲུག་འགྱིང་རྫོང་ཡོད།།
མཚོ་གྲོ་རེངས་འབྲས་དཀར་སྙེ་མ་འདྲ།།
སྨན་རང་བྱུང་རིལ་བུ་འབབ་ས་ཡིན།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
རྨ་ཡར་སྟོད་རྨ་སྡེ་འགོ་མ་ན།།
ས་བཅུ་འཛོམས་གཡང་གི་ར་བ་ན།།
རི་རྩེ་གསུམ་མཚོ་བར་དཀར་རྩེ་ཡོད།།
རྨ་ལི་མའི་འགོ་ཁུངས་དང་པོ་ཡིན།།
སྨད་མདོ་ཁམས་སྒང་དྲུག་ལྟེ་བ་ཡིན།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
གནས་འདི་ཡི་ངོ་སོ་ཡར་ལ་བསྟོད།།