收聽多瓦才吉的花之戀歌詞歌曲

花之戀

多瓦才吉2018年2月9日

花之戀 歌詞

花之戀 - 多瓦才吉

詞:日當呷扎

曲:更嘎才旦

སྤྲིན་དཀར་གྱི་བང་ལ་བྱོན་ཏེ།

 

ས་འཛིན་གྱི་ཕྲག་པར་འཛེག་དུས།

 

གངས་འདབས་དང་རྫ་སྒང་ལ་འཛུམ་པའི།

 

གངས་ལྷ་མེ་ཏོག །

འདབ་ལོ་དཀར་པོ་བསྲིངས་ཤིང་བསྲིངས་ཤིང་།

བསིལ་རླུང་གིས་མགོ་ལྕོག་བསྒུལ་དུས།

ཁྱེད་ཀྱི་མཛེས་སྡུག

ཁྱེད་ཀྱི་བརྩེ་དུང་།

བདག་གི་མིག་ཀོང་ལ་འཕྲོས་སོང་།

སེམས་ཀྱི་གཏིང་རུམ་ལ་བབས་སོང་།

ཨོ་ ཡིད་འོང་གི་གངས་ལྷ་མེ་ཏོག

ཨོ གངས་ལྷ་མེ་ཏོག

 

ཁྲི་གདུགས་ཀྱི་སྒྲོན་མེ་བཏེགས་ཏེ།

ནོར་འཛིན་གྱི་ཕང་བར་མཇལ་དུས།

 

སྤང་ཐང་དང་མཚོ་གླིང་ལ་འཛུམ་པའི།

ལུ་གུ་མེ་ཏོག

འདབ་ལོ་དམར་པོ་བསྲིངས་ཤིང་བསྲིངས་ཤིང་།

 

ཆར་ཟིམ་གྱིས་ཞལ་རས་བརླན་དུས།

ཁྱེད་ཀྱི་མཛེས་སྡུག

ཁྱེད་ཀྱི་བརྩེ་དུང་།

བདག་གི་མིག་ཀོང་ལ་འཕྲོས་སོང་།

སེམས་ཀྱི་གཏིང་རུམ་ལ་བབས་སོང་།

ཨོ ཡིད་འོང་གི་ལུ་གུ་མེ་ཏོག

ཨོ ལུ་གུ་མེ་ཏོག

 

ཁྱེད་ཀྱི་མཛེས་སྡུག

ཁྱེད་ཀྱི་བརྩེ་དུང་།

བདག་གི་མིག་ཀོང་ལ་འཕྲོས་སོང་།

སེམས་ཀྱི་གཏིང་རུམ་ལ་བབས་སོང་།

ཨོ ཡིད་འོང་གི་ལུ་གུ་མེ་ཏོག

 

ཨོ ལུ་གུ་མེ་ཏོག