阿媽的手藝 歌詞
དྲིན་ཆེན་ཨ་མའི་ལག་ཟས།
阿媽的手藝
གཞས་ཚིག སྲབ་མདའ།
作詞:紗木靼
དབྱངས་རྟ། ཕུན་ལོ།
作曲:彭洛
གཞས་མཁན། ཕུན་ལོ། རྟ་མགྲིན་ཚེ་རིང་།
原唱:彭洛&旦正才讓
རོལ་མོ། ཁོ་ཚེ་ཚེ་རིང་བཀྲ་ཤིས།
編曲:科才·才讓扎西
སྒྲ་ལེན་ཞིབ་སྦྱོར། གཡང་རོང་ཨ་དོན།
錄音&後期:央容阿東
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音樂宣傳:謝旦貼吧工作室
ཨ་མའི་མར་ཁུ་གསེར་གྱི་མཚོ་མོ་འདི།།
阿媽做的大海般酥油
དཀོན་མཆོག་གསུམ་ལ་ཕུལ་བའི་མཆོད་པ་ཡིན།།
是供給三寶的佳餚
ཨ་མའི་མར་ལོ་དངུལ་གྱི་ཟླ་བ་འདི།།
阿媽做的月亮般酥油
ལྷ་བསང་སྔོན་མོར་གཏོར་བའི་བདུད་རྩི་ཡིན།།
是灑在敖包的甘露
ཨ་མ་ལགས། ཨ་མ་མ་ལོ།
阿媽呀,阿媽瑪洛
དྲིན་ཨ་མའི་ལག་ཟས་གཙང་མ་འདི།།
乾淨美味的阿媽手藝
ནམ་ཡིན་རུང་སེམས་ནས་མི་བརྗེད་ཀི།།
每時每刻也難以忘懷
ཨ་མའི་མར་རྡོ་གཡུ་ཆུང་དྲུག་དཀར་འདི།།
阿媽六塊白玉般酥油
རྒྱུ་འབྱོར་དབང་ཐང་འཕེལ་བའི་ནོར་བུ་ཡིན།།
是招財致富的瑰寶
ཨ་མའི་མར་ཐུལ་བྱུ་རུའི་ཕོ་བྲང་འདི།།
阿媽的奶油珊瑚宮
རུ་ཁ་ཁྱིམ་མཚེས་གནང་བའི་བགོས་སྐལ་ཡིན།།
送給鄰居家的禮物
ཨ་མ་ལགས། ཨ་མ་མ་ལོ།
阿媽呀,阿媽瑪羅
དྲིན་ཨ་མའི་ལག་ཟས་ཞིམ་པོ་འདི།།
美味可口的阿媽手藝
ནམ་ཡིན་རུང་སེམས་ནས་མི་བརྗེད་ཀི།།
每時每刻都難以忘記
ཨ་མའི་མར་ཕྱུར་མུ་ཏིག་ཚོམ་བུ་འདི།།
阿媽這一簇珍珠酥曲
དུས་བཞིའི་ལྟོགས་སྐོམ་སེལ་བའི་ཟས་མཆོག་ཡིན།།
四季解餓的佳餚
ཨ་མའི་མར་སྒམ་རིན་ཆེན་སྣ་ལྔ་འདི།།
阿媽的珍寶五箱
གཡང་ཁྱིམ་གྲུ་བཞི་སྐྱོང་བའི་བང་མཛོད་ཡིན།།
是養育家庭的寶庫
ཨ་མ་ལགས། ཨ་མ་མ་ལོ།
阿媽呀,阿媽瑪洛
དྲིན་ཨ་མའི་ལག་ཟས་མངར་མོ་འདི།།
甜蜜好吃的阿媽手藝
ནམ་ཡིན་རུང་སེམས་ནས་མི་བརྗེད་ཀི།།
每時每刻都難以忘懷
དྲིན་ཨ་མའི་ལག་ཟས་མངར་མོ་འདི།།
甜蜜好吃的阿媽手藝
ནམ་ཡིན་རུང་སེམས་ནས་མི་བརྗེད་ཀི།།
每時每刻都難以忘懷