月亮女兒 歌詞
月亮女兒 - 央金蘭澤
詞:炮彈火焰
曲:才仁巴桑
རྒྱ་གྲོང་ནམ་མཁའི་སྐར་ཚོགས།།
རིགས་བཟང་ཟླ་བའི་སྲས་མོ།།
མིག་མཛེས་རི་དྭགས་མཚན་མ།།
ལན་ཆགས་ཆུ་སྒྲ་ཐོས་བྱུང་།།
མིག་མཛེས་རི་དྭགས་མཚན་མ།།
ལན་ཆགས་ཆུ་སྒྲ་ཐོས་བྱུང་།།
ལུས་གཟུགས་འཁྲི་ཤིང་ཡར་སྐྱེས།།
ཞལ་རས་འཛུམ་ཆུང་མེ་ཏོག།
དྲི་ཞིམ་ཙན་དན་དག་མ།།
བརྩེ་བའི་རླུང་གིས་བསྐུལ་བྱུང་།།
དྲི་ཞིམ་ཙན་དན་དག་མ།།
བརྩེ་བའི་རླུང་གིས་བསྐུལ་བྱུང་།།
ལྷ་སའི་ཕྱོགས་ལ་སོང་ནས།།
ལྷ་ལྡན་ཇོ་བོ་མཇལ་དུས།།
ང་དང་ཁྱོད་ཀྱི་སྨོན་ལམ།།
དར་དཀར་རྒྱུད་ནས་འགྲུབ་སོང་།།
ང་དང་ཁྱོད་ཀྱི་སྨོན་ལམ།།
དར་དཀར་རྒྱུད་ནས་འགྲུབ་སོང་།།
ང་དང་ཁྱོད་ཀྱི་སྨོན་ལམ།།
དར་དཀར་རྒྱུད་ནས་འགྲུབ་སོང་།།