收聽蘭卡措的雄偉的喜馬拉雅歌詞歌曲

雄偉的喜馬拉雅

蘭卡措2021年2月1日

雄偉的喜馬拉雅 歌詞

雄偉的喜馬拉雅 - 蘭卡措

詞:日當呷扎

曲:才仁巴桑

བྱ་རྒྱལ་རྒོད་པོའི་ཕྲག་ན་བཅགས་པའི།

རྔམ་ཟིལ་གྱི་ཧི་མ་ལ།

དཀར་པོ་དུང་ལ་བསྒྲེས་པའི་སྤྲིན་ཕུང་གཏོར་དེ།

སྐར་གཞོན་སྟོང་གི་གར་སྟེགས་ན་འཕྱོ་དུས།

ས་ཆེན་བྷོ་ཊའི་རྟོགས་བརྗོད་བརྙེས་སོང་།

 

གནའ་རབས་མེས་པོའི་དད་གསོལ་དྲན་ན།

ས་སྒང་བརྟན་པར་བཞུགས་ནས།

རྒྱལ་ཁམས་སྐྱིད་པའི་སྐྱོབ་མ་གནང་རོགས།

 

རྒྱལ་ཁམས་སྐྱིད་པའི་སྐྱོབ་མ་གནང་རོགས།

འཇིག་རྟེན་ཟླུམ་པོའི་གཙུག་ན་བཞུགས་པའི།

རྔམ་ཟིལ་གྱི་ཧི་མ་ལ།

 

དབང་སྔོན་འོད་ལ་སྦགས་པའི་དགུང་ཀློང་གཏོར་དེ།

ཉི་ཟླ་རྩེན་པའི་བ་གམ་ན་འཕྱོ་དུས།

གླིང་ཆེན་སྲིད་པའི་སྤྱན་རས་ཡེར་སོང་།

དེང་རབས་འགྲོ་བའི་སྐྱབས་འཇུག་དྲན་ན།

ས་སྒང་བརྟན་པར་བཞུགས་ནས།

 

རྒྱལ་ཁམས་སྐྱིད་པའི་སྐྱོབ་མ་གནང་རོགས།

 

རྒྱལ་ཁམས་སྐྱིད་པའི་སྐྱོབ་མ་གནང་རོགས།