愛的恰恰 (伴奏) 歌詞
愛的恰恰 - 扎西平措
詞:旦增格桑
曲:扎西平措
編曲:譚立波
錄音師:朱忠強
音頻編輯:朱忠強
混音:黃可愛
錄音棚:V-studio(上海)
封面設計:冷星
出品/經紀公司:夢響強音文化傳播 (上海)有限公司
རི་མཐོན་པོའི་རྩེ་ལ་འགྲོ་ཡཱ།
མཛེས་ཡུལ་ལྗོངས་བལྟ་བར་འགྲོ་ཡཱ།
བྱམས་པ་ཁྱེད་དང་མཉམ་དུ་འགྲོ།
ཆུ་ཤང་ཤང་འཁྲིས་ལ་འགྲོ་ཡཱ།
ཉ་གསེར་མིག་མཇལ་བར་འགྲོ་ཡཱ།
བྱམས་པ་ཁྱེད་དང་མཉམ་དུ་འགྲོ།
ཁང་ཆུང་གྲུ་བཞིའི་ནང་ལ།
ཁྱེད་རང་མཇལ་བ་ཙམ་གྱིས།
ང་ཡི་སེམས་པ་ས་འདིར་ལུས་སོང་།
མི་ཚེ་ཐུང་ཐུང་འདི་ལ།
ཁྱེད་དང་མཉམ་དུ་བྱུང་ན།
ང་ཡི་འཇིག་རྟེན་མེ་ཏོག་བཞད་སོང་།
བརྩེ་སེམས་འདི་དྭངས་གཙང་གི་གངས་ཆུ་བཞིན།
ནས་དཀར་གྱི་རྩམ་པ་དང་འདྲ་སོང་། ཨོའོ། འདྲ་སོང་།
གླུ་དབྱངས་འདི་ཁྱེད་དྲན་པའི་ཁ་སང་དང་།
ཡིད་སྐྱོ་བའི་དེ་རིང་དང་མཉམ་དུ། ཨོའོ། མཉམ་དུ།
La la la so la so mi re do
ཁྱེད་རང་རེད་འདུག
ངའི་སེམས་འདིར་བདག་པོ་མེད་པ་བཟོ་མཁན།
རི་མཐོན་པོའི་རྩེ་ལ་འགྲོ་ཡཱ། འགྲོ་ཡཱ།
ཕྱོགས་བཞིའི་ཡུལ་ལྗོངས་བལྟ་བར་འགྲོ།
ཆུ་ཆེན་པོ་མཐའ་ལ་འགྲོ་ཡཱ། འགྲོ་ཡཱ།
ཉ་ཆུང་གསེར་མིག་མཇལ་བར་འགྲོ།
མཇལ་བར་འགྲོ། མཇལ་བར་འགྲོ།
བྱམས་པ་ཁྱེད་དང་མཉམ་དུ་འགྲོ།
མཇལ་བར་འགྲོ། མཇལ་བར་འགྲོ།
བྱམས་པ་ཁྱེད་དང་མཉམ་དུ་འགྲོ།
གདན་ཆུང་གྲུ་བཞིའི་སྟེང་ལ།
ཁྱེད་རང་བཞུགས་པ་ཙམ་གྱིས།
ང་ཡི་སེམས་པ་ས་འདིར་ལུས་སོང་།
མི་ཚེ་ཐུང་ཐུང་མ་རེད།
ཁྱེད་དང་མཉམ་དུ་བྱུང་ན།
ང་ཡི་འཇིག་རྟེན་དགོད་སྒྲས་ཁེངས་སོང་།
བརྩེ་སེམས་འདི་དྭངས་གཙང་གི་གངས་ཆུ་བཞིན།
ནས་དཀར་གྱི་རྩམ་པ་དང་འདྲ་སོང་། ཨོའོ། འདྲ་སོང་།
གླུ་དབྱངས་འདི་ཁྱེད་དྲན་པའི་ཁ་སང་དང་།
ཡིད་སྐྱོ་བའི་དེ་རིང་དང་མཉམ་དུ། ཨོའོ། མཉམ་དུ།
La la la so la so mi re do
ཁྱེད་རང་རེད་འདུག
ངའི་སེམས་འདིར་བདག་པོ་མེད་པ་བཟོ་མཁན།
རི་མཐོན་པོའི་རྩེ་ལ་འགྲོ་ཡཱ།
མཛེས་ཡུལ་ལྗོངས་བལྟ་བར་འགྲོ་ཡཱ།
བྱམས་པ་ཁྱེད་དང་མཉམ་དུ་འགྲོ།
ཆུ་ཤང་ཤང་འཁྲིས་ལ་འགྲོ་ཡཱ།
ངའི་སེམས་འདིར་བདག་པོ་མེད་པ་བཟོ་མཁན།
ངའི་སེམས་འདིར་བདག་པོ་མེད་པ་བཟོ་མཁན།
ངའི་སེམས་འདིར་བདག་པོ་མེད་པ་བཟོ་མཁན།
བཟོ་མཁན། བཟོ་མཁན།