收聽扎西平措的GA KA歌詞歌曲

GA KA

扎西平措2025年4月11日

GA KA 歌詞

GA KA - 扎西平措

詞:旦增格桑

曲:扎西平措

編曲:譚立波

錄音:朱忠強/小鞏

錄音棚:V-studio (上海)/兄弟文化傳媒 (西藏)

翻譯:旦增格桑

封面:佩琦

童聲指導:阿旺倫珠

童聲:扎西美朗/旦巴羅桑/尼瑪片多/扎西頓珠/曲央/旦增丹巴/貢嘎頓旦/扎西桑姆/格桑旦增/索朗歐珠/次仁頓珠/德慶/拉姆措

混音:朱忠強@Sound Pro Studio

母帶:曹曉冬@Harmony Studio

ཡི་གེ་འདིར་ཞྭ་ལྟར་མཛེས་པའི་གི་གུ་འགྲེང་བུ་ན་རོ་གསུམ།

ཡི་གེ་འདིར་གདན་ལྟར་མཛེས་པའི་ཞབས་ཀྱུ་ཡ་བཏགས་ར་བཏགས་གསུམ།

གནས་གང་དུ་སོང་ཡང་ཁྱེད་ང་ཡི་ཡོད་ཚད་རེད།

ཐོན་མི་སམ་བྷོ་ཊ་ཡི་བཀའ་དྲིན་འདི་ཡིད་ལ་ངེས།

ཡངས་འཛམ་གླིང་ཆེན་པོ་འདི་ལ།

ཁྱེད་འོད་སྣང་སྟོང་ལྡན་རེད།

རིག་གནས་ཀྱི་བང་མཛོད་བདེ་བླག

ཁྱེད་ནོར་བུའི་དོ་ཤལ་རེད།

གནས་གངས་དཀར་ཏི་སི་ནང་བཞིན།

འཇིག་རྟེན་གྱི་ཡིད་དབང་འཕྲོག

ཁྱེད་ཀ་མད་སུམ་ཅུ་ཐམ་པ།

སེམས་ནང་གི་ནོར་བུ་རེད།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

རིག་པ་ནངས་པར་འཆི་ཡང་སློབ། །

ཚེ་འདིར་མཁས་པར་མི་འགྱུར་ཡང་།།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

སྐྱེ་བ་ཕྱི་མར་བཅོལ་བ་ཡིས།།

ནོར་ལ་རང་ཉིད་ལེན་དང་མཚུངས།།

བྱང་ཤིང་ནག་པོའི་སྟེང་གི་ཡིག་འབྲུ་ཕྲ་མོ་འདི་ཚོ།

ཕ་མ་བུ་ཚའི་སྙིང་ལ་པར་བའི་ཐིག་ལེ་འདྲ་བྱུང་།

རྡབ་རྐྱལ་རྩལ་གྱི་དཀར་པོའི་ཐིག་རིས་འོད་འཚེར་འདི་ཚོ།

ཕ་དང་མེས་པོས་བསྲིངས་པའི་རེ་བའི་དར་དཀར་འདྲ་བྱུང་།

འདི་རུ། བདེ་སྐྱིད་ཚང་མ་འཛོམས་ས་རེད་འདུག

འདི་རུ། བསོད་ནམས་ཚང་མ་འཕེལ་ས་རེད་འདུག

འདི་རུ། ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེདོ།

ཨཱ་ལི་ཀཱ་ལི་ཡིད་ལ་ངེས།

ཨཱ་ལི་ཀཱ་ལི་ཡིད་ལ་ངེས།

ཡངས་འཛམ་གླིང་ཆེན་པོ་འདི་ལ།

ཁྱེད་འོད་སྣང་སྟོང་ལྡན་རེད།

རིག་གནས་ཀྱི་བང་མཛོད་བདེ་བླག

ཁྱེད་ནོར་བུའི་དོ་ཤལ་རེད།

གནས་གངས་དཀར་ཏི་སི་ནང་བཞིན།

འཇིག་རྟེན་གྱི་ཡིད་དབང་འཕྲོག

ཁྱེད་ཀ་མད་སུམ་ཅུ་ཐམ་པ།

སེམས་ནང་གི་ནོར་བུ་རེད།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

རིག་པ་ནངས་པར་འཆི་ཡང་སློབ། །

ཚེ་འདིར་མཁས་པར་མི་འགྱུར་ཡང་།།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

སྐྱེ་བ་ཕྱི་མར་བཅོལ་བ་ཡིས།།

ནོར་ལ་རང་ཉིད་ལེན་དང་མཚུངས།།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

རིག་པ་ནངས་པར་འཆི་ཡང་སློབ། །

ཚེ་འདིར་མཁས་པར་མི་འགྱུར་ཡང་།།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།

སྐྱེ་བ་ཕྱི་མར་བཅོལ་བ་ཡིས།།

 

ནོར་ལ་རང་ཉིད་ལེན་དང་མཚུངས།།