收聽扎西平措的金子般的卓瑪 (伴奏)歌詞歌曲

金子般的卓瑪 (伴奏)

扎西平措2025年10月20日

金子般的卓瑪 (伴奏) 歌詞

金子般的卓瑪 - 扎西平措

詞:旦增格桑

曲:扎西平措

編曲:譚立波

錄音師:朱忠強

音頻編輯:朱忠強

混音:黃可愛

錄音棚:V-studio(上海)

封面設計:冷星

出品/經紀公司:夢響強音文化傳播 (上海)有限公司

ཉི་མ་ཡ་གིའི། གནམ་གྱི་ལ་རྒྱན་ཆ།

ཟླ་བ་ཡ་གིའི། སྐར་ཚོགས་ཀྱི་རྒྱལ་པོ།

གསེར་སོ་སྒྲོལ་མ་ཁྱེད། ཡུལ་གྱི་ལ་རྒྱན་ཆ།

བཞུགས་གྲལ་ཡ་གིའི། རྩེ་རུ་ལ་བཞུགས།

འཇམ་པོའི་བལ་གྱིས་བཟོས་པའི་ལ།

འུར་རྡོ་ཆུ་མིག་ལ་དགུ་སྒྲིལ་དེ།

རྒྱག་ཐེངས་གཅིག་ལ། སེམས་པའི་ཐང་དུ།

བརྩེ་དུང་ཐལ་བ་ལ། རྡུལ་འཚུབ་འཚུབ།

འཇམ་པོའི་བལ་གྱིས་བཟོས་པའི་ལ།

འུར་རྡོ་ཆུ་མིག་ལ་དགུ་སྒྲིལ་དེ།

རྒྱག་ཐེངས་གཅིག་ལ། སེམས་པའི་ཐང་དུ།

བརྩེ་དུང་ཐལ་བ་ལ། རྡུལ་འཚུབ་འཚུབ།

དཀར་ཕྱུ་འོ་མ། འབྲོག་པའི་ལ་ནོར་བུ།

ཕོ་རོག་ནག་ཆུང་། ཁྱུང་གི་ལ་རྒྱུད་པ།

བུ་ཆུང་ང་རང་ནི། སྲིད་པའི་ལ་རྒྱུད་པ།

མཐའ་ཡས་རྩྭ་ཐང་། དཔའ་རྩལ་ཅིག་ངོམས།

འདོ་བ། རྟ་ཕོ། རྒྱུགས་ཤེད་ཡོད་ན།

བྱང་ཐང་། སྐྱ་མོ། སྟོང་པ་རེད་གདའ།

བུ་མོ། སྒྲོལ་མའི། ཐུགས་ལ་ཡོད་ན།

གཡང་དཀར། ལུག་ཁྱུར། ལན་གཅིག་བསྐུར་ཤོག

གཞས་ཞབས་བྲོ་གཅིག་བྱས། བཀྲ་ཤིས་ཤོག

གཞས་ཞབས་བྲོ་གཉིས་བྱས། ཕུན་སུམ་ཚོགས།

གཞས་ཞབས་བྲོ་གཅིག་བྱས། བཀྲ་ཤིས་ཤོག

དུས་སང་འདི་རུ་ཁྲ་རོག་རོག

གཞས་ཞབས་བྲོ་གཅིག་བྱས། བཀྲ་ཤིས་ཤོག

གཞས་ཞབས་བྲོ་གཉིས་བྱས། ཕུན་སུམ་ཚོགས།

གཞས་ཞབས་བྲོ་གཅིག་བྱས། བཀྲ་ཤིས་ཤོག

དུས་སང་འདི་རུ་ཁྲ་རོག་རོག

ཉི་མ་ཡ་གིའི། གནམ་གྱི་ལ་རྒྱན་ཆ།

ཟླ་བ་ཡ་གིའི། སྐར་ཚོགས་ཀྱི་རྒྱལ་པོ།

གསེར་སོ་སྒྲོལ་མ་ཁྱེད། ཡུལ་གྱི་ལ་རྒྱན་ཆ།

བཞུགས་གྲལ་ཡ་གིའི། རྩེ་རུ་ལ་བཞུགས།

རྟ་ཕོའི་སྲབ་ཐག ཁྱེད་རང་ལ་ཕུལ་ཆོག

བརྩེ་དུང་ཁ་ལོ། ཁྱེད་ཀྱིས་ལ་བཅུན་རོགས།

ལ་ཁའི་རྩེ་མོ་དེའི། ཁ་བའི་ལ་སྒོ་ལྕགས།

 

འཛུམ་ཞལ། དྲོད་ཀྱིས། ཕྱེ་རོགས་གནང་།