青涩漫画 Lyrics
青涩漫画 - 谢旦
词:阿日曲旦太
曲:理塘/丹真
མི་ཚེའི་འཚོ་བའི་ཁ་ཕྱོགས།
དར་རྒུད་རེས་སུ་འཁོར་རེད།
དགའ་སྐྱོའི་སེམས་ཁ་སྙི་བའི།
འུ་ཚོ་ཐེངས་གཅིག་མགྲོན་ཡིན།
དགོད་ན་འདུ་འཛོམས་མི་དགོས།
ཕམ་དུས་དཔུང་གྲོགས་གལ་ཆེ།
འཁོར་བའི་གྲུ་ཟུར་རེ་ནས།
ལག་འཇུ་མ་ལྷོད་དེས་ཆོག
བརྩེ་བའི་ལམ་ཆེན་སྟེང་ནས།
གྱེས་འཛོམས་ལས་ཀྱིས་བསྡུས་རེད།
སྣང་བའི་མེ་ལོང་ངོས་ཀྱི།
འུ་ཚོ་ཐེངས་གཅིག་མགྲོན་ཡིན།
ཁྲག་གི་ཁ་དན་མི་དགོས།
མཁོན་ཚིག་དུག་མདའ་མ་འཕེན།
མཛའ་དང་མཐུན་པའི་བར་ལ།
གས་ཆག་མེད་ན་དེས་ཆོག
འཇིག་རྟེན་རྒྱུ་མའི་གྲོང་ན།
སུ་ལ་ཡིད་སྟོན་མེད་རེད།
མི་རྟགས་ལས་ཀྱི་བསྡུས་པའི།
འུ་ཚོ་ཐེངས་གཅིག་མགྲོན་ཡིན།
མངོན་ནས་ངོ་བསྟོད་མི་དགོས།
ཕག་ནས་སྐྱོན་འདོགས་མ་བྱེད།
མི་དང་མི་ཡི་བར་ལ།
འགལ་འདུ་མེད་ན་དེས་ཆོག
མངོན་ནས་ངོ་བསྟོད་མི་དགོས།
ཕག་ནས་སྐྱོན་འདོགས་མ་བྱེད།
མི་དང་མི་ཡི་བར་ལ།
འགལ་འདུ་མེད་ན་དེས་ཆོག
འགལ་འདུ་མེད་ན་དེས་ཆོག