Listen to 我和拉萨男孩 song with lyrics from 木雅格让曲珍

我和拉萨男孩

木雅格让曲珍1 Jul 2020

我和拉萨男孩 Lyrics

木雅格让曲珍 - 我和拉萨男孩

ཧེ་་་་ཧེ་་་་ཧེ།

ང་དང་ལྷ་སའི་བུ་ཆུང་།

བར་སྐོར་ལམ་ནས་ཐུག་སོང་།

བརྩེ་བའི་སྙིང་གཏམ་བཤད་པ།

ཡར་ཀླུང་གཙང་བོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ལྷ་སའི་བུ་ཆུང་། ལྷ་སའི་བུ་ཆུང་ལགས།

བརྩེ་བའི་སྙིང་གཏམ་བཤད་པ།

ཡར་ཀླུང་གཙང་བོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ལྷ་སའི་བུ་ཆུང་། ལྷ་སའི་བུ་ཆུང་།

ང་དང་ལྷ་སའི་བུ་ཆུང་།

ཧེ་་་་ཧེ་་་་ཧེ།

ང་དང་ཁམས་པའི་བུ་ཆུང་།

གཙང་གསུམ་མགོ་ནས་འཕྲད་བྱུང་།

དུང་བའི་ཚིག་གསུམ་བཤད་པ།

རྫ་ཆུ་དྭངས་མོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ཁམས་པའི་བུ་ཆུང་། ཁམས་པའི་བུ་ཆུང་ལགས།

དུང་བའི་ཚིག་གསུམ་བཤད་པ།

རྫ་ཆུ་དྭངས་མོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ཁམས་པའི་བུ་ཆུང་། ཁམས་པའི་བུ་ཆུང་།

ང་དང་ཁམས་པའི་བུ་ཆུང་།

ཧེ་་་་ཧེ་་་་ཧེ།

ང་དང་ཨ་མདོའི་བུ་ཆུང།

སྤང་ཐང་འདི་ནས་འཛོམས་བྱུང་།

མི་འགྱུར་དམ་བཅའ་བཞག་པ།

རྨ་ཆུ་སྔོན་མོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ཨ་མདོའི་བུ་ཆུང་། ཨ་མདོའི་བུ་ཆུང་ལགས།

མི་འགྱུར་དམ་བཅའ་བཞག་པ།

རྨ་ཆུ་སྔོན་མོ་མ་གཏོགས།

སུ་དང་གང་གིས་མི་ཤེས།

ཨ་མདོའི་བུ་ཆུང་། ཨ་མདོའི་བུ་ཆུང་།

 

ང་དང་ཨ་མདོའི་བུ་ཆུང་།

Popular Songs