Listen to 卡热山 song with lyrics from 玛吉阿米乐团

卡热山

玛吉阿米乐团, 普琼次仁5 Aug 2012

卡热山 Lyrics

词:阿里民歌

曲:阿里民歌

编曲:巴依尔塔

ཡ་ལ་ནེ་སོ། རི་དེ་ཁ་རག་རི་ཡི་རྩེ་མོ་ལ་ལྟས་པ།

ཡ་ཁ་རག་རི་ཡི་རྩེ་མོ་ལ་ལྟས་པ།

ཡ་ལ་ནེ་སོ། རྩེ་མོ་གངས་ལ་བཅོལ་ཡོད་གངས་རི་ནི་དཀར་པོ།

ཡ་གངས་ལ་བཅོལ་ཡོད་གངས་རི་ལ་དཀར་པོ།

ཡ་ལ་ནེ་སོ། རི་དེ་ཁ་རག་རི་ཡི་སྐེད་པ་ལ་ལྟས་པ།

ཡ་ཁ་རག་རི་ཡི་སྐེད་པ་ལ་ལྟས་པ།

ཡ་ལ་ནེ་སོ། སྐེད་པ་སྤང་ལ་བཅོལ་ཡོད་སྤང་གཞོང་ལ་བདེ་མོ།

ཡ་སྤང་ལ་བཅོལ་ཡོད་སྤང་གཞོང་ལ་བདེ་མོ།

ཡ་ལ་ནེ་སོ། རི་དེ་ཁ་རག་རི་ཡི་རྩ་བ་ལ་ལྟས་པ།

ཡ་ཁ་རག་རི་ཡི་རྩ་བ་ལྟས་པ།

ཡ་ལ་ནེ་སོ། རྩ་བ་མཚོ་ལ་བཅོལ་ཡོད་མ་ཕམ་ལ་གཡུ་མཚོ།

ཡ་མཚོ་ལ་བཅོལ་ཡོད་མ་ཕམ་ལ་གཡུ་མཚོ།

 

ཡ་མཚོ་ལ་བཅོལ་ཡོད་མ་ཕམ་ལ་གཡུ་མཚོ།

Popular Songs