Dengarkan lagu 牧羊姑娘 nyanyian 德吉卓玛 dengan lirik

牧羊姑娘

德吉卓玛3 Feb 2020

Lirik 牧羊姑娘

牧羊姑娘 - 德吉卓玛

词:外懂

曲:那那

拍摄:仁哎勒本扎西

音乐宣传:字母文化工作室

ཕ་གིའི་རི་བོའི་འདབས་ནས།།

ལུག་ཁྱུ་འཚོ་རོགས་ཁྱོད་ཡིན།།

དྲན་པ་སྨུག་ལ་འདྲེས་དུས།།

རྫི་གླུ་ལེན་རོགས་ཁྱོད་ཡིན།།

འུ་གཉིས་མཐུན་པ་བྱུང་ཚུལ།།

གཡང་དཀར་ལུག་ཁྱུ་མ་གཏོགས།།

སུ་དང་གང་གིས་མི་རྟོགས། །

འབྲོག་རུའི་ལུག་རྫི་བུ་མོས། །

ཁྱོད་ལ་ལས་དབང་བཅོལ་ཡོད།།

མ་གིའི་གཙང་ཆུའི་འགྲམ་ནས།།

མེ་ཏོག་འཐུ་རོགས་ཁྱོད་ཡིན།།

དུང་སེམས་ཆུ་ལ་འདྲེས་དུས།།

སྙིང་གཏམ་བཤད་ས་ཁྱོད་ཡིན།།

འུ་གཉིས་མཐུན་པ་བྱུང་ཚུལ།།

གསེར་བྱ་ངང་བ་མ་གཏོགས།།

སུ་དང་གང་གིས་མི་རྟོགས།།

ཆུ་ལེན་འབྲོག་རུའི་བུ་མོས།།

ཁྱོད་ལ་ནང་སེམས་བསྟན་ཡོད།།

ལས་ཀྱི་ལམ་སྣེ་ཞིག་ནས།།

སེམས་ཀྱི་དྲན་ཤིང་ཁྱོད་ཡིན།།

བརྩེ་འདང་རི་མོ་གསལ་དུས།།

སྲོག་གི་སྐྱ་ཡ་ཁྱོད་ཡིན།།

འུ་གཉིས་མཐུན་པ་བྱུང་ཚུལ།།

དགུང་གི་ཉི་ཟླ་མ་གཏོགས།།

སུ་དང་གང་གིས་མི་རྟོགས།།

རྒྱང་བཞུད་འབྲོག་རུའི་བུ་མོས།།

 

ཁྱོད་ལ་བློ་སེམས་གཏད་ཡོད།།