思念之歌 Lyrics
久美索郎 - 思念之歌
སྐུ་མཚན་དཔེའི་གཟི་འོད་འབར་ཞིང
གསུང་དམ་ཆོས་ཟེར་བརྒྱ་སྤྲོ་བ
ཐུགས་བྱམས་བརྩེའི་དྲོད་ཀྱི་བདག་པོ
རྗེ་འཇམ་དབྱངས་བླ་མ་དྲན་ནོ
ལས་བཟང་པོའི་མེ་ཏོག་ཕོག་ཅིང
སྔོན་སྨོན་ལམ་རྟེན་འབྲེལ་བཟང་བས
ཞལ་མཇལ་བའི་སྐལ་བ་རྙེད་ཀྱང
ཁྱེད་གསེར་ཞལ་ནུབ་ལ་ཡིབས་སོང
གཞུང་གཙུག་ལག་རྒྱན་དུ་འཆང་ཞིང
ལམ་སླབ་གསུམ་མཛོད་དུ་གཏམས་པའི
འཁོར་འཕགས་ཚོགས་འདུས་པའི་སྡེ་འདིའི
མགོན་མཚུངས་མེད་ཁྱེད་ཉིད་དྲན་ནོ
ལུས་མི་ཆོས་གཙང་མས་མཛེས་ཤིང
སེམས་དད་པའི་རི་མོ་བརྟན་པའི
བགྲང་དཀའ་བའི་སློབ་འབངས་སྐྱེ་འགྲོའི