收聽關卻纔旦的緣分歌詞歌曲

緣分

關卻纔旦2018年9月15日

緣分 歌詞

緣分 - 關卻才旦

詞:卓白

曲:扎西東智

གཞས་པ། དཀོན་མཆོག་ཚེ་བརྟན།

 

ཁུ་བྱུག་འཇོལ་མོ་གཉིས་ཀ་།

 

དཔྱིད་ཀྱི་ལྷ་བྱ་དཀར་པོ་།

 

ནམ་ཟླ་སྟོན་ཁ་སླེབས་དུས་།

 

མཉམ་འཛོམས་སྐལ་བ་མ་བྱུང་།

 

ཨ་་་་་་་་་་ཨ་་་་་་་་་་

 

ཁྱེད་གཉིས་ལས་དབང་བསམ་ན།

 

མིག་མཐའ་མཆི་མའི་བསྐོར་ཐལ།

 

ན་ནིང་དབྱར་ཀ་ཞིག་ལ།

 

མེ་ཏོག་གཡུ་སྦྲང་གཉིས་ཀ

 

སྤང་ལྗོངས་སྟེང་ནས་འཛོམས་ཡང།

 

བསམ་ནག་སེར་བས་བཅོམ་ཐལ།

 

ཨ་་་་་་་་ཨ་་་་་་་་་་་

 

ཁྱེད་གཉིས་ལས་དབང་བསམ་ན།

 

ཡིད་སེམས་གཏིང་ནས་སྐྱོའུ།

 

སྒྲོལ་མ་རྒྱ་མཚོ་གཉིས་ཀ།

 

ཡིད་སེམས་གཅིག་ལ་འདྲེས་ཀྱང།

 

སྔོན་གྱི་ལས་དབང་བཙན་པོས།

 

གཏན་གྱི་འདུན་མ་གཏོར་ཐལ།

 

ཨ་་་་་་་་་ཨ་་་་་་

 

ཁྱེད་གཉིས་ལས་དབང་བསམ་ན།

ཡིད་སེམས་སྐྱོ་བའི་གང་གི

 

ཡིད་སེམས་སྐྱོ་བའི་གང་གི

 

 

ཡིད་སེམས་སྐྱོ་བའི་གང་གི