收聽尼瑪代西的天堂玉樹歌舞之鄉歌詞歌曲

天堂玉樹歌舞之鄉

尼瑪代西, 更尕文次, 永吉拉毛, 白瑪南加2019年11月19日

天堂玉樹歌舞之鄉 歌詞

天堂玉樹 歌舞之鄉 - 尼瑪代西/更尕文次/永吉拉毛/白瑪南加

詞:結古旦洲

曲:曲塔

ཐང་བོད་གནའ་ལམ་གྱི་གཏེར་མཛོ

རྒྱ་བཟའ་ཀང་ཇོ་ཡི་གདན་ས།

འཛམ་གླིང་རྡོ་རིས་ཀྱི་དཔེ་མཛོད།

ལྷ་ཆོས་དགེ་བཅུ་ཡི་དར་ས།

འོ་་་་་

རྒྱ་ནག་མ་ཎི་རྣམ་པ་སྣང་མཛོད།

འཇིག་མེད་ཀྱི་སྙིང་སྟོབས་སྦྱིན་པའི་གནས་མཆོག

གཙང་གསུམ་འབྱུང་ཁུངས་ཕ་ཡུལ་ཡུལ་ཤུལ།

འོ་་་་་

རྨི་ལམ་གྱི་ཞིང་ཁམས་འགྲན་པའི་ཕ་ས།

འོ་་་་་་ལྷ་ཡུལ་གྱི་ཡུལ་ཤུལ།

གླུ་གཞས་ཀྱི་ཕ་ས།

འོ་་་་་ཁ་བཏགས་དཀར་པོ།

ནས་ཆང་བདུད་རྩི།

སྐུ་ཉིད་ཕེབས་པར་འཛུམ་གྱིས་བསུ།

བཀྲ་ཤིས་སྨོན་ཚིག་ཁྱེད་ལ་ཕུར།

བྲོ་གཞས་དབྱངས་རྟ་ལ་འགུག་པ།

སྐྱེ་བ་སྔོན་བསགས་ཀྱི་བསོད་ནམས།

རྨི་ལམ་བྲོ་གཞས་ལ་བཅོལ་བ།

རྐང་ལམ་ཕྲ་མོ་ཡི་ལས་དབང་།

འོ་་་་་

ལྗང་མདོག་རྨི་ལམ་དབྱངས་རྟའི་འགྱུར་ཁུགས།

གླུ་གཞས་ཀྱི་སྦྲང་ཆར་ཐོར་བའི་དག་ཞིང་།

རིག་གནས་འབྱུང་ཁུངས་ཕ་ཡུལ་ཡུལ་ཤུལ།

ཡིད་ཆེས་ཀྱི་མཐུན་སྒྲིལ་ཕྱུག་པའི་ཕ་ས།

འོ་་་་་་ལྷ་ཡུལ་གྱི་ཡུལ་ཤུལ།

གླུ་གཞས་ཀྱི་ཕ་ས

འོ་་་་་གླུ་གཞས་བྲོ་གསུམ།

ཉམས་པར་སླར་གསོ།

ང་ཚོ་ཚང་མས་འོས་འགན་ཡིན།

 

ང་ཚོ་ཚང་མས་འབད་བརྩོན་བྱེད།