收聽貢尕達哇的相聚的情歌歌詞歌曲

相聚的情歌

貢尕達哇, 央金次卓2019年8月6日

相聚的情歌 歌詞

相聚的情歌 - 貢尕達哇/央金次卓

作詞:哆當秋桑珠

作曲:貢尕達哇

བྱམས་པ་ག་ལེ་ག་ལེ།།

འཛུམ་མདངས་ཕྱུགས་སེ་ཕྱུགས་སེ།།

སྙིང་གྲོགས་ཟླ་བ་དཀར་པོར།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

རླུང་བུ་ག་ལེ་ག་ལེ།།

རླུང་འགྲོས་ཡང་སེ་ཡང་སེ།།

ལྷ་ཤིང་ལྗོན་པའི་ཚལ་ལ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

ཨ་་་ ་་་ ཨ་་་ ་་་

ལྷ་ཤིང་ལྗོན་པའི་ཚལ་ལ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

སྙིང་གཏམ་ག་ལེ་ག་ལེ།།

དགོད་སྒྲ་ལྷང་སེ་ལྷང་སེ།།

བཞིན་བཟང་ཆུང་འདྲེས་བྱམས་པ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

ཆུ་མོ་དྭངས་སེ་དྭངས་སེ།།

ཆུ་སྒྲ་གསལ་ལེ་གསལ་ལེ།།

གཤོག་འགྱུར་གསེར་མིག་ཉ་མོ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

ཨ་་་ ་་་ ཨ་་་ ་་་

གཤོག་འགྱུར་གསེར་མིག་ཉ་མོ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

ཨ་ལ་ཡེ། ཨ་ལ་ཡེ།

གཤོག་འགྱུར་གསེར་མིག་ཉ་མོ།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

མཇལ་འཕྲད་ལན་གཅིག་ཞུས་སོང་།།

 

མཇལ་འཕྲད་ལན་གཅིག་ཞུས་སོང་།།