卓瑪央金 歌詞
生龍呷絨 - 卓瑪央金
作詞:東智
作曲:民歌
དགའ་དགའ་སྙིང་གི་གཅེས་ཕྲུག་མ།
མཛེས་མཛེས་ནམ་མཁའི་ལྷ་མོ་འདྲ།
དྲན་དྲན་སེམས་ཀྱི་དྲན་ཤིང་ཡིན།
སྙིང་སྙིང་སྙིང་གི་དཀྱིལ་ལ་ཡོད།
སྒྲོལ་མ་དབྱངས་ཅན་ལགས།
མཛེས་མ་ནང་གི་མཛེས་མ་ཡིན།
སྒྲོལ་མ་དབྱངས་ཅན་ལགས།
སེམས་ནང་གི་སྒྲོལ་མ་དབྱངས་ཅན་ལགས།
སེམས་དགའ་བའི་སྒྲོལ་མ་དབྱངས་ཅན་ལགས།
བུ་ང་ཡི་སེམས་པ་་་
བུ་ང་ཡི་སེམས་པ་གཏད་ས་ཡིན།
བུ་ང་ཡི་སེམས་ཀྱི་བདག་མོ་ཡིན།
མཛེས་མ་སྒྲོལ་མ་དབྱངས་ཅན
བུ་ངའི་སེམས་པ་གཏད་ས།
བུ་ངའི་སེམས་ཀྱི་བདག་མོ་ཡིན།
འཇམ་འཇམ་གཤིས་ཀ་བལ་ལས་འཇམ།
དཀར་དམར་གཞོན་ནུའི་མཛེས་སྡུག་བཀྲ།
ཁ་ཡག་ཁོག་ཡག་ཕྱི་ཐག་རིང་།
མཛངས་མའི་ཡོན་ཏན་ཀུན་འཛོམས་མ།
སྒྲོལ་མ་དབྱངས་ཅན་ལགས
མཛེས་མ་ནང་གི་མཛེས་མ་ཡིན།
སྒྲོལ་མ་དབྱངས་ཅན་ལགས།
སེམས་ནང་གི་སྒྲོལ་མ་དབྱངས་ཅན་ལགས།
སེམས་དགའ་བའི་སྒྲོལ་མ་དབྱངས་ཅན་ལགས།
བུ་ང་ཡི་སེམས་པ་་་
བུ་ང་ཡི་སེམས་པ་གཏད་ས་ཡིན།
བུ་ང་ཡི་སེམས་ཀྱི་བདག་མོ་ཡིན།
མཛེས་མ་སྒྲོལ་མ་དབྱངས་ཅན
བུ་ངའི་སེམས་པ་གཏད་ས།
བུ་ངའི་སེམས་ཀྱི་བདག་མོ་ཡིན།