default album img

一生摯愛 (完整版)

關卻才旦, 卓瑪措2020年11月21日

一生摯愛 (完整版) 歌詞

一生摯愛 - 關卻才旦/卓瑪措

詞:外懂

曲:不丹民歌

 

ངའི་སེམས་ལ་བདག་པོ་གཞན་མེད།

 

ངའི་བརྩེ་བར་བདག་པོ་གཞན་མེད།

 

གནས་འཇིག་རྟེན་ད་ཐེངས་འུ་གཉིས་མཐུན་ས་ཡིན།

 

ཁྱིམ་དྲོན་མོ་ད་ཐེངས་འུ་གཉིས་འཛོམས་ས་ཡིན།

 

ང་རང་ཁྱེད་འཕྲད་པ་ཞེ་དྲགས་དགའ།

ལས་དབང་གིས་རྙེད་པའི་ཁྱེད་རང་ནི།

 

ངའི་ཚེ་ཐོག་གཅིག་གི་ཚེ་གྲོགས་ཡིན།

 

ངའི་ཚེ་ཐོག་གཅིག་གི་ཚེ་གྲོགས་ཡིན།

 

ཞེ་སྣང་བའི་དབྱར་གྱི་མེ་ཏོག་ཁྱོད་རང་ཡིན།

 

ལོ་ཟླ་བར་སྙིམ་པས་བསྐྱོར་ཡོད།

 

ཕྱི་འཛུམ་དཀར་ད་ཐེངས་འུ་གཉིས་བརྩེ་བ་ཡིན།

 

ནང་བདེ་སྐྱིད་ད་ཐེངས་འུ་གཉིས་འཚོ་བ་ཡིན།

 

ང་རང་ཁྱེད་འཕྲད་པ་ཞེ་དྲགས་དགའ།

ལས་དབང་གིས་རྙེད་པའི་ཁྱེད་རང་ནི།

 

ངའི་ཚེ་ཐོག་གཅིག་གི་ཚེ་གྲོགས་ཡིན།

 

ངའི་ཚེ་ཐོག་གཅིག་གི་ཚེ་གྲོགས་ཡིན།

 

ཚིག་བཙན་པོ་མི་བཤད་འུ་གཉིས་དམ་བཅའ་ཡིན།

 

འདང་གསོན་པོ་མི་འགྱུར་འུ་གཉིས་སྙིང་སྡུག་ཡིན།

འུ་གཉིས་སེམས་པ་ལ་ཕྱི་ནང་མེད།

ཁྲེལ་གཞུང་གིས་ཕྱུག་པའི་ཁྱོད་དང་ང་།

 

མིག་ཁྲ་ཆུང་གཅིག་གི་ཆ་ཡ་ཡིན།

 

མིག་ཁྲ་ཆུང་གཅིག་གི་ཆ་ཡ་ཡིན།

 

མིག་ཁྲ་ཆུང་གཅིག་གི་ཆ་ཡ་ཡིན།