收聽唐格爾樂隊的白猛雕歌詞歌曲

白猛雕

唐格爾樂隊2019年12月25日

白猛雕 歌詞

唐格爾樂隊 - 白猛雕

作詞:瑪奧

作曲:旦巴(科旦)

出品:拉卜楞天界文化

音樂宣傳:謝旦貼吧工作室

ནམ་མཁའ་སྔོན་པོའི་ཞྭ་མོ་སུ་ཡིན། །

ས་གཞི་སེར་བོའི་འདབ་མ་གང་ཡིན། །

གནམ་ས་སྦྲེལ་བའི་གཤོག་པ་སུ་ཡིན། །

རླུང་དང་ཆར་བའི་མདུད་པ་གང་ཡིན། །

རི་ཆེན་གཅིག་ལ་གྲིབ་མ་ཆགས་དུས། ། གསེར་གྱི་ཉི་མ་ཡེ།

ལུང་ཆེན་གཅིག་ལ་མུན་པ་འཐིབ་དུས། །དུང་གི་ཟླ་བ་ཡེ།

རི་ལུང་གཞས་དང་དབྱངས་ལ་དྲངས་ནས། །ཉི་མ་ཟླ་བའི་གླུ་ཞིག་ལེན་ཡ།༽

ཐང་དཀར། ཐང་དཀར་རྒོད་པོ་ཡེ།

ལུང་བ་ཕུ་དྲུག་མདོ་དྲུག་གཞུང་ན། །

སྦྲ་ནག་གྲུ་བཞི་སྒོ་བཞིའི་ཁྱམས་ན། །

བུ་ཚ་ལོ་དྲུག་ཇག་ལ་ཆས་འགྲོ། །

བུ་མོ་སྤུན་དྲུག་གནས་ལ་བུད་འགྲོ།

རི་ཆེན་གཅིག་ལ་གྲིབ་མ་ཆགས་དུས། ། གསེར་གྱི་ཉི་མ་ཡེ།

ལུང་ཆེན་གཅིག་ལ་མུན་པ་འཐིབ་དུས། །དུང་གི་ཟླ་བ་ཡེ།

རི་ལུང་གཞས་དང་དབྱངས་ལ་དྲངས་ནས། །ཉི་མ་ཟླ་བའི་གླུ་ཞིག་ལེན་ཡ།

 

ཐང་དཀར། ཐང་དཀར་རྒོད་པོ་ཡེ།